萨森•索朗加参-怀念父亲歌曲免费下载

《萨森•索朗加参-怀念父亲》歌曲详情

作词 : 萨森•索朗加参

作曲 : 向巴达吉

ཡབ་ཆེན་དྲན་གླུ།

怀念父亲

ཚིག་ ས་སེང་བསོད་ནམས་རྒྱལ་མཚན།

གདངས་བྱམས་པ་དར་རྒྱས།

ལེན མཁན་ ས་སེང་བསོད་ནམས་རྒྱལ་མཚན།

ཁང་པ་རྙིང་པའི་གྱང་སྟེང་སུ། །

ཀ་ཁའི་འབྲི་ཀློག་བསླབ་མཁན་ཁྱེད།།

ལེ་དབར་བརྒྱ་ཕྲག་མང་པོའི་སར།།

བུ་ཕྲུག་སློབ་གྲྭར་སྐྱེལ་མཁན་ཁྱེད།།

ང་ཡི་བརྩེ་བའི་པཱ་ལགས་པཱ་ལགས། 

དཀའ་དྲིན་ཅན་གྱི་ཡབ་ཆེན་ཡབ་ཆེན་ལགས།

ང་ཡི་བརྩེ་བའི་པཱ་ལགས་པཱ་ལགས།

དཀའ་དྲིན་ཅན་གྱི་ཡབ་ཆེན་ལགས། 

ཕྱག་ལ་སེར་གས་ཁེངས་ཀྱང་།།

ཡོང་འབབ་འཚོལ་བར་ཕེབས་མཁན་ཁྱེད།།

ཁྲི་གདུགས་ཉི་མས་འགྲན་མི་བཟོད།།

ས་སྟེང་མི་ཡི་རྒྱན་གྱི་མཆོག །

ང་ཡི་བརྩེ་བའི་པཱ་ལགས་པཱ་ལགས། 

དཀའ་དྲིན་ཅན་གྱི་ཡབ་ཆེན་ཡབ་ཆེན་ལགས།

ང་ཡི་བརྩེ་བའི་པཱ་ལགས་པཱ་ལགས།

དཀའ་དྲིན་ཅན་གྱི་ཡབ་ཆེན་ལགས། 

དྲན་གདུང་སེམས་ཀྱི་རྨ་ཁ་དེར། །

རྗེས་དྲན་དབྱངས་ཀྱི་མཆོད་པ་ཞིག །

མུ་ཏིག་སྟར་ལ་བརྒྱུས་པ་ལྟར།།

ཁྱེད་ལ་ཕུལ་ཞིང་ཁྱེད་ཉིད་དྲན།།

དྲན་གདུང་སེམས་ཀྱི་རྨ་ཁ་དེར། །

རྗེས་དྲན་དབྱངས་ཀྱི་མཆོད་པ་ཞིག 

མུ་ཏིག་སྟར་ལ་བརྒྱུས་པ་ལྟར།།

ཁྱེད་ནི་ང་ཡི་དྲིན་ཆེན་ཡབ་ཆེན་ལགས། །

下载地址:

此为隐藏内容,需人机验证后查看下载!