巴桑罗布-天堂里的阿妈歌曲免费下载

《巴桑罗布-天堂里的阿妈》歌曲详情

ལྷ་ཡུལ་ཞིང་གི་ཨ་མ།

天堂里的阿妈

ཚིག གངས་ཕྲུག་བློ་རྒྱ།

作词:岗珠洛加

གདངས། བུ་ཆུང་།

作曲:普琼

རོལ་དབྱངས་སྒྲིག་བཟོ། སི་ཆིན་པཱ་ཐར།

编曲:斯琴巴特尔

སྒྲ་ལེན་ལས་མཇུག 101studioསྒྲ་བརྙན།

录音后期:101studio影音

གཞས་པ། པ་སངས་ནོར་བུ།

演唱:巴桑罗布

དྲ་ཐོག་འགྲེམས་སྤེལ། གྲ་ནང་བསྟན་པ་ཚེ་རིང་།

网络发布:扎囊旦巴次仁

མདང་དགོང་ཐུན་གསུམ་མཚན་མོའི་རྨི་ལམ་ནང་།

在我昨晚的梦境里

བྱམས་བརྩེ་ཅན་གྱི་ཨ་མའི་ཞལ་རས་རྨིས།

梦到了慈祥的母亲

ཁོང་གི་འཛུམ་པའི་སྤྱན་གྱིས་ང་ལ་གཟིགས།

母亲慈祥的眼神望着我

ངག་འཇམ་གསུང་གིས་བུ་ངའི་མིང་ནས་འབོད།

母亲温柔的声音喊着我

ཞོགས་པ་སྐྱ་རེངས་དང་པོ་ཤར་བའི་དུས།

当黎明打破夜的宁静时

གློ་བུར་ཨ་མ་མཇལ་བའི་གཉིད་ལས་སད།

我从梦境走出现实里

མིག་ཟུང་ཕྱེ་དུས་ཨ་མ་མཇལ་ཡས་མེད།

从此再也无法见到妈妈

བུ་ངའི་སྔས་མགོ་སྐྱོ་གདུང་མཆི་མས་བརླན།

伤心的我留下了悲痛的泪

ང་ཡི་ཨ་མ་ང་ཡི་དད་པའི་ལྷ།

我的阿妈我的女神

སྐྱབས་སུ་མཆི་ཞེས་འབོད་ས་ཁྱེད་ལས་མེད།

困难时的依靠只有您

ཁྱེད་ཀྱིས་ང་ལ་མི་ལུས་ཚེ་སྲོག་གནང་།

是您给了我宝贵的生命

བདེ་སྐྱིད་སྦྱིན་མཁན་རྗེ་བཙུན་སྒྲོལ་མ་ཡིན།

你是我生活中的活菩萨

ང་ཡི་ཨ་མ་ང་ཡི་དད་པའི་ལྷ།

我的阿妈我的女神

སྐྱབས་སུ་མཆི་ཞེས་འབོད་ས་ཁྱེད་ལས་མེད།

困难时的依靠只有您

ཁྱེད་ཀྱིས་ང་ལ་མི་ལུས་ཚེ་སྲོག་གནང་།

是您给了我宝贵的生命

བདེ་སྐྱིད་སྦྱིན་མཁན་རྗེ་བཙུན་སྒྲོལ་མ་ཡིན།

你是我生活中的活菩萨

བོད་གཞས་གསན་པར་ཐུགས་རྗེ་ཆེ།

感谢您的聆听

འཇིག་རྟེན་མི་རྟག་ཆོས་ཉིད་བཙན་པོ་ཡིས།

无常的轮回无情的命运

དྲིན་ཆེན་ཨ་མ་འཇིག་རྟེན་གཞན་ལ་འཁྲིད་།

恩重的妈妈去了天堂

བུ་ངས་མཆོད་མེ་སྟོང་ཚར་ཕུལ་ན་ཡང་།

孩儿点着千万的酥油灯

ཨ་མའི་ཞལ་རས་མ་མཇལ་ཡིད་རེ་སྐྱོ།

依然无法见到妈妈的脸庞

ལྷ་ཡུལ་ཟེར་བ་སེམས་བཟང་འགྲོ་སའི་ལམ།

如果天堂是好人的去处

སེམས་པ་བཟང་ན་ས་དང་ལམ་ཡང་བཟང་།

如果好人真有好报

གལ་སྲིད་གཏམ་དེ་བདེན་པ་ཡིན་ན་ནི།

如果此言有理无误

ང་ཡི་ཨ་མ་ལྷ་ཡུལ་ཞིང་ལ་ཡོད།

我的妈妈肯定也在天堂

ཨ་ཙི་ནམ་མཁའི་བླ་མ་དཀོན་མཆོག་ལགས།

请老天保佑我的妈妈

བུ་ཆུང་ང་ཡི་སྨོན་ལམ་གསན་རོགས་གནང་།

请老天聆听我的祈祷

སྐྱེ་བ་འདི་ཡི་ང་ཡི་ཨ་མ་ཁོང་།

此生恩重如山的阿妈

སྐྱེ་བ་ཕྱི་མ་བདེ་སྐྱིད་ཡོང་བར་ཤོག

来生能够幸福一生

ཨ་ཙི་ནམ་མཁའི་བླ་མ་དཀོན་མཆོག་ལགས།

请老天保佑我的妈妈

བུ་ཆུང་ང་ཡི་སྨོན་ལམ་གསན་རོགས་གནང་།

请老天聆听我的祈祷

སྐྱེ་བ་འདི་ཡི་ང་ཡི་ཨ་མ་ཁོང་།

此生恩重如山的阿妈

སྐྱེ་བ་ཕྱི་མ་བདེ་སྐྱིད་ཡོང་བར་ཤོག

来生能够幸福一生

སྐྱེ་བ་འདི་ཡི་ང་ཡི་ཨ་མ་ཁོང་།

此生恩重如山的阿妈

སྐྱེ་བ་ཕྱི་མ་བདེ་སྐྱིད་ཡོང་བར་ཤོག

来生能够幸福一生

下载地址:

此为隐藏内容,需人机验证后查看下载!