玉科措姆-庆格萨尔诞辰之歌歌曲免费下载

《玉科措姆-庆格萨尔诞辰之歌》歌曲详情

作词 : 桑邓曲珍

作曲 : 民间

གླིང་སྐྱེས་བུའི་འཁྲུངས་སྐར་བསུ་བ།庆格萨尔诞辰之歌

སྒྲུང་ཚིགབསམ་གཏན་ཆོས་སྒྲོན། 歌词:桑邓曲珍

དབྱངས།དམངས་ཁྲོད། 曲:民间

ལེན་མཁན།གཡུ་ཁོག་མཚོ་མོ།演唱:玉科措姆

ཨ་ལ་ལ་ལ་མོ་ཐ་ལ་ལ།།啊啦啦姆塔啦啦,

གླིང་རྒྱལ་པོ་གེ་སར་འབོད་ཚུལ་ཡིན།།恭敬祈祷格萨尔

ལྷ་རིགས་གསུམ་སྤྲུལ་སྐུ་འཁོར་གསུམ་ཅན།།三佛化身持法器

རྗེ་པདྨའི་ཐུགས་སྲས་དཔའ་རྩལ་ཅན།།莲师弟子大勇者

སྨན་བདག་གི་རིག་བདག་མཁྱེན་བརྩེ་ཅན།།助我之王大慈悲

གླིང་གེ་སར་མི་སྨུག་རྟ་རྐྱང་ཅན།།骑着神马格萨尔

དཔའ་དགྲ་ལྷ་ཝེར་མ་ཟི་ར་ཅན།།降魔战神闪火花

དབུ་རྨོག་འཕྲུ་རྒྱལ་བ་རིགས་ལྔ་ཅན།།头戴五佛镶嵌盔

སྐུ་ཁྲབ་དཀར་མཁའ་འགྲོའི་ཚེ་མདུད་ཅན།།身穿空行寿命甲

ཕྱག་ལྕག་ཚན་བསམ་པའི་དོན་འགྲུབ་ཅན།།手持马鞭如意宝

ཚུལ་མི་གཟུགས་སངས་རྒྱས་དགོངས་པ་ཅན།།心怀佛陀之慈悲

ཁྱེད་མདོ་ཁམས་དཀར་པོ་གླིང་ཡུལ་དུ།།您乃多康之岭域

སྐུ་འཁྲུངས་ནས་ཅི་སྲིད་བསྐལ་བའི་བར།།降临人间到永久

མ་འགྲོ་དོན་འཕྲིན་ལས་གཡེལ་བ་མེད།།为民除害扬真善

ཧོར་སེར་པོའི་ཡུལ་ལ་བྱོན་ཚུན་ནས།།自从征服霍国后

ལྷ་དཀར་ཕྱོགས་རུ་དར་དམའ་མ་མྱོང་།།正义大旗永不倒

གླིང་དཀར་པོའི་རིང་ལུགས་ནུབ་པ་མེད།།岭国政权永昌盛

ལྷོ་འཛམ་གླིང་ལས་དོན་མ་འགྲུབ་མེད།།天下伟业永顺利

སྟོད་རྒྱ་གར་སྤོས་ཆུ་ཕ་རོལ་ནས།།天竺贝水之彼岸

ཁྱེད་རྡོ་རྗེའི་སྐུ་མཆོག་བརྙེས་ནས་བཟུང་།།自从尊者降临后

དུས་ཉི་མ་འདི་ལ་མ་ཐུག་བར།།直到如今之良日

མ་མགར་བཟའི་སྙིང་དབུས་ཏི་ལ་ཀར།།噶尔萨纯洁心间

ཐབས་མི་འགྱུར་ཨ་དཀར་འོད་ཀྱི་གཟིགས།།直射解脱光明线

རྩལ་ཤེས་རབ་བདེ་བའི་ཡེ་ཤེས་དང་།།生起永安智慧光

དོན་འཕོ་འགྱུར་མེད་པ་གཡུང་དྲུང་གཤིས།།内涵不变如磐石

དོན་དེ་ཕྱིར་དུས་གསུམ་མཉམ་ཉིད་དུ།།因此三时禅修时

དྲན་མི་དྲན་དབྱེ་མཚམས་མ་མཆིས་མོད།།记忆清晰没模糊

ཁྱེད་སྐུ་མཆོག་མཚན་དཔེ་གསར་རྫོགས་སུ།།您那诸佛加持身

གནས་ལྕི་སོས་ཡུལ་དུ་སྐུ་འཁྲུངས་པའི།།降生圣地大喜日

དུས་ཚེ་ཆེན་རྒྱལ་ཟླའི་བཅོ་ལྔ་ཉིན།།殊胜之月十五日

ཁྱེད་དྲན་པའི་བརྡ་གླུ་ཤོར་བ་འདི།།不由吟出这段歌

ཐུགས་མཁྱེན་པས་དགོངས་ལ་བརྩེ་བས་གཟིགས།།请您加持赐智慧

བློ་ལུས་ངག་འགྱུར་བ་མེད་པ་ཡི།།我以纯洁敬仰心

ཕྱག་མཚལ་ཞིང་དངོས་བཤམ་ཡིད་སྤྲུལ་མཆོད།།供奉神物顶礼您

ཐུགས་འགལ་བའི་ལས་ཤོར་མཐོལ་ཞིང་བཤགས།།若有所失请原谅

བདུད་འདུལ་དང་དཀར་ཕྱོགས་སྐྱོང་བར་བསྐུལ།།降服恶魔助善者

མ་འཁྱམས་མོ་བློ་བརྩེ་མང་ན་ཡང་།།游女虽然心事多

གླིང་གེ་སར་སྐྱེ་མཆོག་ཁྱེད་ཉིད་ལ།།却对格萨尔王您

དུས་གཏན་དུ་འགྱུར་མེད་བློ་རྩེ་གཏད།།至今信念如金刚

སྙིང་མི་ཤུགས་པདྨའི་ཟེའུ་འབྲུར་བརྟེན།།不变莲花之花蕊

དཔལ་བདེ་ཆེན་ཡེ་ཤེས་ངོ་བོར་བཞུགས།།极乐原智同本质

མ་མཐོང་ཐོས་དྲན་རེག་སེམས་ཅན་ལ།།祈愿听闻此众生

ཕན་ཐོག་པའི་དངོས་གྲུབ་གཡེལ་མེད་མཛོད།得到加持赐成就

དེ་ཞུ་བ་ཡོང་གྱི་ཡང་སྙིང་ཡིན།།此乃赞颂本目的

བཀྲ་ཤིས་ཤིང་དོན་ཀུན་ལྷུན་འགྲུབ་མཛོད།།祝福吉祥万事兴

བཀྲ་ཤིས་ཤིང་དོན་ཀུན་ལྷུན་འགྲུབ་མཛོད།།祝福吉祥万事兴

下载地址:

此为隐藏内容,需人机验证后查看下载!