作曲 : 扎西才旦
编曲 : 扎西才旦
མཁའ་དབྱིངས་ཀྱི་བོད་ལྗོངས།
བོད་ཀྱི་བུ་མོ།
ངོ་མཚར་ཆེ་ལ་མཛེས་སྡུག་གི་རྒྱན་རེད།
དུས་དེ་ལ་ཁྱེད་དང་མཇལ་བས།
ང་སེམས་པ་ཁྱེད་ཀྱི་ཕྱོགས་ལ་ཤོར
གངས་རི་མཐོང་དུས་ཁྱེད་ནི་གངས་ལྷ་མེ་ཏོག
ས་མཐོ་མཐོང་དུས་ཁྱེད་ནི་སྐལ་བཟང་མེ་ཏོག
ཁྱེད་ཀྱི་སྙན་པའི་གླུ་ལས་ང་ཡི་བརྩེ་དུང་མེ་ཏོག་བཞད
ཁྱེད་ཀྱི་ལྡེམ་ལྡེམ་གར་ལས་ང་ཡི་འཚོ་བ་བདེ་སྐྱིད་ཤར
ཨ་་་བོད་ཀྱི་བུ་མོ
ཨོ་བོད་ཀྱི་བུ་མོ།བརྗེད་ཆགས་རི་བོ་ཧི་མ་ལ་ཡ།
བོད་ཀྱི་བུ་མོ།ངང་རྒྱུད་རིང་བའི་ཡར་ཀླུང་གཙང་པོ།
ཁྱེད་ཀྱི་སྤྲོ་སྣང་ངའི་སེམས་པ་དགའ་སྤྲོས་ཁེངས་སོང་།
ཁྱེད་ཀྱི་ལྷག་བསམ་ངའི་སེམས་པ་གཙང་མར་འགྱུར་སོང་།
བསོ།ཡ་རེ་ལོ།བོད་ཀྱི་བུ་མོ།
བོད་ཀྱི་བུ་མོ།
དུས་དེ་རིང་སླར་ཡང་མཇལ་བ།
ང་ཡི་བརྩེ་དུང་ཁྱེད་དང་གཅིག་ཏུ་འདྲེས།
ནམ་མཁའ་མཐོང་དུས་ཁྱེད་ནི་དྲོ་སྐྱིད་ཉི་མ།
ནམ་མཁའ་མཐུང་དུས་ཁྱེད་ནི་དཀར་གསལ་ཟླ་བ།
ང་རང་གང་དུས་སླེབས་ཀྱང་ཁྱེད་རང་ཡང་ཡང་དྲན།
ཁྱེད་ནི་ང་ཡི་སེམས་ཀྱི་བརྟེན་ས་ཡིན།
ཨ་བོད་ཀྱི་བུ་མོ།
ཨ་་་བོད་ཀྱི་བུ་མོ
ཨོ་བོད་ཀྱི་བུ་མོ།བརྗེད་ཆགས་རི་བོ་ཧི་མ་ལ་ཡ།
བོད་ཀྱི་བུ་མོ།ངང་རྒྱུད་རིང་བའི་ཡར་ཀླུང་གཙང་པོ།
ཁྱེད་ཀྱི་སྤྲོ་སྣང་ངའི་སེམས་པ་དགའ་སྤྲོས་ཁེངས་སོང་།
ཁྱེད་ཀྱི་ལྷག་བསམ་ངའི་སེམས་པ་གཙང་མར་འགྱུར་སོང་།
བསོ།ཡ་རེ་ལོ།བོད་ཀྱི་བུ་མོ།
བོད་ཀྱི་བུ་མོ།
歌词大意:
天上的西藏
西藏的姑娘
传奇的神话
盛开的美丽
西藏姑娘那一次遇见了你
我把心儿放在这里
仰望雪山你是那雪莲花
放眼高原你是那格桑花
天籁的歌声让爱情开花
优美的舞姿让生活美满
啊!西藏姑娘壮美的喜马拉雅
西藏姑娘温柔的雅鲁藏布
你的快乐牵动着我的快乐
你的善良感动着我的善良
啊!这一次又遇到来你!
我的爱融进了这里
遥望天空你是炽热的太阳
仰望夜空你是那皎洁的月亮
无论我在何方都忘不了你
美丽的你依旧在我的心房

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |