作词 : 多智合
作曲 : 曲塔
ཕ་ཡུལ་གྱི་ལམ།
ཚིགརྡོ་གྲགས།
དབྱངས། ཆོས་དར།
གཞས་པ། ཤེར་བསྟན།
ལམ།
གང་ནས་གང་ལ་བསྲིངས་ཡོད།
ལམ།
རྒྱང་ནས་རྒྱང་ལ་བསྲིངས་འདུག
ལམ།
གང་ནས་གང་ལ་བསྲིངས་ཡོད།
ལམ།
རྒྱང་ནས་རྒྱང་ལ་བསྲིངས་འདུག
འཇིག་རྟེན་སྟེང་དུ།
ལམ་ཆེན་ལམ་ཆུང་ཁྲི་སྟོང་ཡོད་ཀྱངརུང་།
ཡུལ་ལ་ལོག་པའི་ལམ་ནི་གཅིག་ལས་མེད།
ཡུལ་ལ་ལོག་པའི་ལམ་ནི་གཅིག་ལས་མེད།
ལམ་སྐྱ་མོ་འདི་ཡི་ཕར་སྣེ་ན།
དྲིན་ཕ་མའི་ཞབས་རྗེས་ཉི་ཟེར་འདྲ།
སྤུན་བཟང་བོའི་གསེར་ཞལ་ཉི་ཟླ་འདྲ།
སྤུན་བཟང་བོའི་གསེར་ཞལ་ཉི་ཟླ་འདྲ།
ལམ།
རྒྱང་ནས་རྒྱང་ལ་བསྲིངས་འདུག
ལམ།
ནམ་མཁའི་མཐའ་ལ་བསྲིངས་འདུག
ལམ།
རྒྱང་ནས་རྒྱང་ལ་བསྲིངས་འདུག
ལམ།
ནམ་མཁའི་མཐའ་ལ་བསྲིངས་འདུག
ས་ཆེན་འདི་ན།
ལམ་ཆེན་ལམ་ཆུང་ཁྲི་འབུམ་ཡོད་ཀྱང་རུང་།
ཡུལ་ལ་ལོག་པའི་ལམ་ནི་གཅིག་ལས་མེད།
ཡུལ་ལ་ལོག་པའི་ལམ་ནི་གཅིག་ལས་མེད།
ལམ་སྐྱ་མོ་འདི་ཡི་ཕར་སྣེ་ན།
ཆུང་བྱིས་པའི་རྨི་ལམ་གསེར་དང་འདྲ།
ནང་ན་ཟླའི་འདང་རྩེ་དངུལ་དང་འདྲ།
ནང་ན་ཟླའི་འདང་རྩེ་དངུལ་དང་འདྲ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |