作词 : 仁增扎巴
作曲 : 印度民间
ངའི་སྙིང་གི་དགའ་ལོ་མ།
我深爱的她
ཚིགརག་སྨྱོན།
词:仁增扎巴
དབྱངས།རྒྱ་གར་དམངས་གཞས།
曲:印度民间
གཞས་པ།བསྟན་འཛིན་བཟང་པོ།
演唱:旦增松保
ཧེ་་་་་་་་་སྔོན་བསྐོས་ལས་ཀྱིས་འཛོམས་སོང་། །
གྱེས་བྲལ་ཁ་ཡིག་མ་འབྲི། །
ཧེ་ཡེ་་་་་་་་་་ལས་མཐུན་ཆུང་འདྲིས་བྱམས་པར། །ཞེན་འདང་གཡུ་རྣ་སྤྲས་ཡོད། །
འདང་ཆེན་བྱམས་པ་དྲན་ཏེ། །
དྲན་གཞས་དབྱངས་ལ་བཀུག་ཡོད། །
འུ་གཉིས་ཀྱི་ལས་དབང་གཅེས་སྤྲས་བྱོས་དང་། །ངའི་འདང་ཆེན་ངའི་སྙིང་སྡུག། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་བརྩེ་བའི་སྙིང་སྡུག་མ། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་བརྩེ་བའི་སྙིང་སྡུག་མ། །
ངའི་་་ངའི་་་ངའི་བརྩེ་བའི་སྙིང་སྡུག་མ། །
ངའི་་་ངའི་་་ངའི་བརྩེ་བའི་སྙིང་སྡུག་མ། །
~
ཧེ་་་་་་་་་་སྡེ་ཆེན་མྱི་ཁ་རླུང་རེད། །
རླུང་བུ་འཁྱགས་པ་རྡོ་རེད། །
ཧེ་ཡེ་་་་་་་་་་་ཆུང་འདྲིས་སྙིང་གི་མེ་ཏོག །
བརྩེ་བ་ཟབ་མོ་མཚོ་རེད། །
མཚོ་ཁ་རླུང་གིས་མ་གཡོ། །
མཚོ་མོའི་རང་མདངས་ཡལ་འགྲོ། །
འུ་གཉིས་ཀྱི་བརྩེ་བའི་དམ་ཚིག་སྲུངས་དང་། །ངའི་སྙིང་སྡུག་ངའི་དགའ་དགའ། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་སྙིང་གི་དགའ་ལོ་མ། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་སྙིང་གི་དགའ་ལོ་མ། །
ངའི་་་ངའི་་་ངའི་སྙིང་གི་དགའ་ལོ་མ། །
ངའི་་་ངའི་་་ངའི་སྙིང་གི་དགའ་ལོ་མ། །
~
ཧེ་་་་་་་་མི་ཚོགས་རྒྱུ་སྐར་ཁྲོད་ནས། །
ཁྱེད་རང་ཞེ་ལ་ཐོགས་སོང་། །
ཧེ་ཡེ་་་་་་་་མི་ཚེ་བདེ་ཞིང་སྐྱིད་ན། །
སྐྱིད་ཀྱི་རྟ་ཕོ་མཉམ་ཞོན། །
མི་ཚེ་སྐྱོ་ཞིང་སྡུག་ན་ཡེ། །
སྡུག་གི་ཁུར་བོ་མཉམ་ཁུར། །
འུ་གཉིས་ཀྱི་འཇིག་རྟེན་འཛུམ་གྱིས་བསུས་དང་། །ངའི་སྙིང་སྡུག་ངའི་དགའ་དགའ། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་སྙིང་གི་དགའ་ལོ་མ། །
སྙིང་སྡུག་མ། སྙིང་སྡུག་མ། །
ངའི་བརྩེ་བའི་སྙིང་སྡུག་མ། །
ངའི་་་ངའི་་་ངའི་སྙིང་གི་དགའ་ལོ་མ། །
ངའི་་་ངའི་་་ངའི་སྙིང་གི་དགའ་ལོ་མ། །
ངའི་་་ངའི་་་ངའི་སྙིང་གི་དགའ་ལོ་མ། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |