作词 : 朗萨尔
བྲོ་འཁྲོབ་ཤོག
གཞས་ཚིག སྣང་གསལ།
གཞས་དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། རང་གསལ་དཔལ་ལྡན།
བྲོ་འཁྲོབ་ཤོག
བྲོ་འཁྲོབ་ཤོག་བོད་ཀྱི་སྒོར་གཞས་འཁྲོབ།
སྲོལ་མ་ཉམས་བོད་གླུ་དྭངས་མ་བླངས།
ལུས་བདེ་བའི་བོད་ཀྱི་སྒོར་གཞས་འཁྲབ་ཡ།
གསུང་སྙན་སྙན།
གསུང་སྙན་སྙན་ངག་གི་དྲུག་འགྱུར་བླངས།
གླུ་སྙན་མོ་སེམས་ཀྱི་སྨན་མཆོག་འདྲ།
སེམས་སྐྱིད་པོ་བོད་ཀྱི་སྒོར་གཞས་འཁྲབ་ཡ།
ཨོ་ཧོ་་་་་ ཨོ་ཧོ་་་་་།
དུས་དེ་རིང་བོད་ཀྱི་སྒོར་གཞས་འདི།
སེམས་སྐྱིད་པོས་ཆེད་དུ་བླངས་པ་ཡིན་ཡ།
ངེད་ཆོལ་གསུམ་བོད་ཀྱི་ཕོ་མོ་ཚོ།
ལུས་བདེ་བའི་ཆེད་དུ་སྒོར་གཞས་འཁྲབ།
རྐང་རྡོག་བྲོ་འཁྲབ་ན་ལུས་པོ་བདེ།
སེམས་སྐྱིད་པའི་ཆེད་དུ་སྒོར་གཞས་འཁྲབ།
སེམས་སྐྱིད་པོ་བྱུང་ན་ནད་གཞི་ཉུང་།
མིག་ལྟད་མོའི་ཆེད་དུ་སྒོར་གཞས་འཁྲབ།
མཛེས་ལྟད་མོ་མིག་གི་ལོངས་སྤྱོད་རེད།
སྲོལ་མི་ཉམས་ཆེད་དུ་སྒོར་གཞས་འཁྲབ།
སྲོལ་རིག་གནས་མི་རིགས་རྒྱན་ཆ་ཡིན།
གཞས་ཚིག སྣང་གསལ།
གཞས་དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། རང་གསལ་དཔལ་ལྡན།
ལུས་ལྡེམ་ལྡེམ།
ལུས་ལྡེམ་ལྡེམ་གར་ཀྱི་སྟངས་སྟབས་འདི།
བྲོ་ཁྲ་མོས་དཀྱིལ་ལ་གར་སྟབས་ངོམ།
སྲོལ་མ་ཉམས་རྡོག་སྒྲ་འགྲིག་པོ་རྒྱོབ་ཡ།
མཛོམ་ཤིག་ཤིག།
མཛོམ་ཤིག་ཤིག་སེམས་པ་སྐྱིད་པོ་ངང།
བྲོ་དགའ་བའི་བྲོ་བ་རྣམས་པ་ཚོ།
སེམས་མཐུན་སྒྲིལ་ལག་ལྡང་སྒྲིལ་ནས་འཁྲོབ་ཡ།
ཨོ་ཧོ་་་་་ ཨོ་ཧོ་་་་་།
དུས་དེ་རིང་བོད་ཀྱི་སྒོར་གཞས་འདི།
སེམས་སྐྱིད་པའི་ཆེད་དུ་བླངས་པ་ཡིན་ཡ།
སེམས་སྐྱིད་པའི་ཆེད་དུ་བླངས་པ་ཡིན་ཡ།
ཤ་ཚའི་སྙིང་གཏམ།
གཞས་ཚིག སྣང་གསལ།
གཞས་དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། རང་གསལ་དཔལ་ལྡན།
ཕ་ས་གངས་རིའི་མཐོ་སྒང་གི་སྤུན་ཟླ་རྣམ་པ།
ཚུལ་ལ་ལན་གཅིག་གསན་དང་ནི་ཤ་ཚའི་སྙིང་གཏམ།
ཕ་མེས་ཡང་མེས་བཞག་པ་ཡི་སྐད་དང་ནི་ཡི་གེ།
ཉམས་པ་སླར་གསོ་བྱས་ནས་ནི་མི་ཉམས་རྒྱུན་འཁྱོང།
ལས་དབང་གཅིག་པའི་རང་རིགས་ཀྱི་སྤུན་ཟླ་ནི་རྣམ་པ།
ཚུལ་ལ་ལན་གཅིག་གསོན་དང་ནི་ཤ་ཚའི་སྙིང་གཏམ།
ཕ་མེས་ཡང་མེས་བཞག་པའི་ནི་རྒྱན་ཆ་ནི་བོད་ཆས།
ལུས་ལ་གྱོན་ན་མི་རིགས་ཀྱི་ཁྱད་ཆོས་ལྡན་པ།
གཞས་ཚིག སྣང་གསལ།
གཞས་དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། རང་གསལ་དཔལ་ལྡན།
ཤ་རུས་གཅིག་པའི་རང་རིགས་ཀྱི་སྤུན་ཟླ་ནི་རྣམ་པ།
ཚུལ་ལ་ལན་གཅིག་གསན་དང་ནི་ཤ་ཚའི་སྙིང་གཏམ།
ཁ་ཟས་སྦྲང་དཀར་རྩམ་པ་ནི་ཁྱད་ལྡན་ཀྱི་བོད་ཟས།
ལྷད་མེད་དཀར་ཟས་མཆོད་དང་ནི་ཟས་རིགས་དང་པོ།
བྱམས་དང་སྙིང་རྗེའི་རང་རིགས་ཀྱི་སྤུན་ཟླ་ནི་རྣམ་པ།
ཚུལ་ལ་ལན་གཅིག་གསན་དང་ནི་ཤ་ཚའི་སྙིང་གཏམ།
འགྲོ་བ་རིག་དྲུག་བྱམས་དང་ནི་སྙིང་རྗེ་རུ་སྒོམ་ནས།
དཀར་ཕྱོགས་དགེ་བའི་ལས་ལ་ནི་འབད་པ་གནོངས་དང་།
གཞས་ཚིག སྣང་གསལ།
གཞས་དབྱངས། རང་གསལ་དཔལ་ལྡན།
ལེན་མཁན། རང་གསལ་དཔལ་ལྡན།
མདོར་ན་ང་ཡི་དེ་རིང་གི་གླུ་ཆུང་འདི་གསན་དང།
སེམས་ཀྱི་གླུ་དབྱངས་ཤ་ཚ་ཡི་སྙིང་གཏམ་ཡིན་ལོ།
ཉན་དང་མི་ཉན་ཕོ་མོ་དང་ན་ཆུང་ཚོ་རག་ལས།
སྙིང་གཏམ་བདུད་རྩི་ཟབ་མོ་ནི་གླུ་རུ་བླངས་ཡོད།
ཉན་དང་མི་ཉན་ཕོ་མོ་དང་ན་ཆུང་ཚོ་རག་ལས།
སྙིང་གཏམ་བདུད་རྩི་ཟབ་མོ་ནི་གླུ་རུ་བླངས་ཡོད།
སྙིང་གཏམ་བདུད་རྩི་ཟབ་མོ་ནི་གླུ་རུ་བླངས་ཡོད།
ཨ་ཁུ་འབྲོག་པ།
གཞས་ཚིག སྣང་གསལ།
གཞས་དབྱངས། དམངས་ཁྲོད།
ལེན་མཁན། རང་གསལ་དཔལ་ལྡན། སྣང་གསལ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་མགོ་ལ་གོན་རྒྱུ་ཅི་འདྲ་མ་ཟིག་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་མགོ་ལ་གོན་རྒྱུ་ཝ་དམར་གྲྭ་ལོ་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།
གཞས་ཚིག སྣང་གསལ།
གཞས་དབྱངས། དམངས་ཁྲོད།
ལེན་མཁན། རང་གསལ་དཔལ་ལྡན། སྣང་གསལ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་ལུས་ལ་གོན་རྒྱུ་ཅི་འདྲ་མ་ཟིག་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་ལུས་ལ་གོན་རྒྱུ་དཀར་འཇམ་ཚ་རུ་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།
གཞས་ཚིག སྣང་གསལ།
གཞས་དབྱངས། དམངས་ཁྲོད།
ལེན་མཁན། རང་གསལ་དཔལ་ལྡན། སྣང་གསལ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་རྐང་ལ་གོན་རྒྱུ་ཅི་འདྲ་མ་ཟིག་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།
བྱང་ཐང་ཨ་ཁུ་འབྲོག་པ།
ཨ་ཁུའི་རྐང་ལ་གོན་རྒྱུ་བོད་ལྷམ་ཁྲ་རིས་དགོས་ཟེར།
ཨ་ཁུའི་རྐང་ལ་གོན་རྒྱུ་བོད་ལྷམ་ཁྲ་རིས་དགོས་ཟེར།
བྱང་ཐང་ཨ་ཁུ་འབྲོག་པ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |