作词 : 荣霍·德尔多
作曲 : 阿桑
编曲 : 石磊
制作人 : 石磊
ཨ་རོགས་བོད་པ།
ཚིགརོང་ཧོ་དུར་རྡོ།
དབྱངས།ཨ་བཟང་།
གཞས་པ།ཨ་བཟང་།
སྒྲ་ལེན་པ།བསོད་ནམས་རྒྱལ།
སྒྲ་སྙོམས་པ།འབྲུག་ཆུང་རྒྱལ།
བརྙན་བསྒྲིག་སྦྱོར། རོང་ཧོ་དུར་རྡོ།
ཡིག་བསྒྱུར་པ།ཟླ་ཀུན་དགའ་ཚེ་དབང་།
འགྲེམས་སྤེལ་མཁན།ཨ་རོགས་བོད་པའི་རྫ་སྟོད་ཡན་ལག་སྤྱི་གཉེར་ཁང་གི་སྦྱིན་བདག་ཚེ་རིང་སྟོབས་རྒྱལ།
བརྡ་ཁྱབ་ཇུས་འགོད། ཨོ་རྒྱན་ཆོས་འཕེལ།
མཆོད་ཡ།གསོལ་ཡ།
ཨ་རོགས་བོད་པའི་ཆང་འདི་ནི།
ཁ་ལ་ཞིམ་པའི་སྦུད་ཆང་།
ཁོག་ལ་འཇམ་པའི་གཏུང་བ།
ང་ཚོའི་མཉམ་དུ་མཆོད་ཡ།
མཆོད་པ་ལྷ་ལ་མཆོད་ཡ།
ང་ཚོ་མཉམ་དུ་མཐུང་ཡ།
མཉམ་དུ་མཛོམས་དུས་མཐུང་ཡ།
མགོ་ནག་མི་ཡི་གསོལ་ཆང་།
གངས་ཅན་བོད་པའི་སྐྱེམས་ཆང་།
ཨ་རོགས་བོད་པ ་ ་ ་ །
མཆོད་ཡ།བཞེས་ཡ།
ཨ་རོགས་བོད་པའི་ཆང་འདི་ནི
བསོད་ནམས་འཕེལ་བའི་སྦུད་ཆང་།
དབང་ཐང་དར་བའི་གཏུང་བ།
ང་ཚོའི་མཉམ་དུ་གསོལ་ཡ།
སེམས་གཏམ་ལབ་གཞིན་གསོལ་ཡ།
ང་ཚོས་ཁྱེད་ལ་འདྲེན་ཡ།
ཐག་རིང་མགྲོན་ལ་འདྲེན་ཡ།
མགོ་ནག་མི་ཡི་གསོལ་ཆང་།
སྟོན་གསུམ་འབྲུ་ཡི་སྙིང་ཁུ།
ཨ་རོགས་བོད་པ ་ ་ ་།
མཆོད་ཡ།མཐུང་ཡ།
ཨ་རོགས་བོད་པའི་སྦུ་ཆང་འདི་ནི།
སྐུ་མགྲོན་བསུ་བའི་མགྲོན་ཆང་།
རྟེན་འབྲེལ་ཡག་གི་སྦུ་ཆང་།
ཡང་ནས་ཡང་དུ་བསོལ་ཤོག།
ཆང་དཀར་ཡར་ལ་ཁྱོག་དང་།
ཆང་གཞས་ང་ཡིས་ལེན་ཡོང་།
མཉམ་དུ་ཞབས་ཏག་གནང་ཤོག
སྣང་བ་སྤྲོ་སྤྲོའི་ངང་ནས།
ད་རུང་ཡང་ཡང་གསོལ་ཤོག
ཨ་རོགས་བོད་པ ་ ་ ་ །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |