呷绒青措-思念歌曲免费下载

《呷绒青措-思念》歌曲详情

《思念》

作词:霍尔晨云

作曲:理塘降央

翻唱:呷绒青措

༼དྲན་གདུང༽

བདག་གི་བཤེས་གཉེན་དྲིན་ཅན།།

མཁན་ཟུར་བློ་གྲོས་རིན་ཆེན།།

མི་མངོན་ཆོས་དབྱིངས་ཕེབས་ནས།།

བུ་མོ་སེམས་པ་སྐྱོ་སོང་།།

རིང་ལུགས་ཅོད་པན་འཆང་བའི།།

མཁན་ཟུར་བློ་གྲོས་རིན་ཆེན།།

དགེ་འདུན་འདུས་པའིདབུས་ནས།།

ཡང་ཡང་མཇལ་ན་བསམ་བྱུང་།།

བདག་གི་བཤེས་གཉེན་དྲིན་ཅན།།

བདག་གི་བཤེས་གཉེན་དྲིན་ཅན།།

ཁྱེད་དྲན་པའི་མིག་ཆུ་ཡང་ཡང་ཤོར་སོང་།།

བློ་ལྡན་སྐྱེས་བུ་ཀུན་གྱིས།།

གཙུག་གི་དྲན་ཅན་བླ་མ།།

མཁན་ཟུར་བློ་གྲོས་རིན་ཆེན།།

ཞིང་ཁམས་གང་དུ་བཞུགས་ཡོད།།

རིན་ཆེན་ཚུལ་ཁྲིམས་གཙང་ཞིང་།།

དགེ་སློང་འདུལ་བ་འཛིན་པ།།

མཁན་ཟུར་བློ་གྲོས་རིན་ཆེན།།

ཡང་སྤྲུལ་མྱུར་དུ་ཕེབས་རོགས།།

བདག་གི་བཤེས་གཉེན་དྲིན་ཅན།།

བདག་གི་བཤེས་གཉེན་དྲིན་ཅན།།

ཁྱེད་དྲན་པའི་མིག་ཆུ་ཡང་ཡང་ཤོར་སོང་།

དད་ལྡན་སློབ་བུ་ཡོངས་ཀྱིས།།

སྙིང་ཁར་ཐལ་མོ་སྦྱར་ནས།།

མཁན་ཟུར་བློ་གྲོས་རིན་ཆེན།།

གསོལ་བ་སྙིང་ནས་བཏབ་ཡོད།།

ཁྱེད་ཀྱིས་ཤུལ་དུ་བཞག་པའི།།

དྭ་ཕྲུག་སློབ་བུ་རྣམས་ཀྱིས།།

མཁན་ཟུར་བློ་གྲོས་རིན་ཆེན།

དྲན་གདུང་དོར་ཐབས་མི་འདུག།

བདག་གི་བཤེས་གཉེན་དྲིན་ཅན།།

བདག་གི་བཤེས་གཉེན་དྲིན་ཅན།།

ཁྱེད་དྲན་པའི་མིག་ཆུ་ཡང་ཡང་ཤོར་སོང་།

下载地址:

此为隐藏内容,需人机验证后查看下载!