尕松旦争-格桑拉歌曲免费下载

《尕松旦争-格桑拉》歌曲详情

སྐལ་བཟང་ལགས།

ཚིག དམངས་ཁྲོད།

དབྱངས། དམངས་ཁྲོད།

ལེན་མཁན། སྐལ་བཟང་བསྟན་འཛིན། གེ་བྷོ།

སྒྲ་ལེན་པ། ལི་ཐང་བསྟན་འཛིན།

སྒྲ་སྙན། ཨ་ཁྲོ་འཆི་མེད།

བསྭོ་ལགས་ཞུས་པའི་སྐལ་བཟང་ལགས།

ང་ཚོ་ཡར་ཡར་འགྲོ་དུས།

སྐལ་བཟང་ལགས།

ཁ་བ་མར་མར་བབས་བྱུང་།

མེ་ཏོག་ལགས།

ཁ་བ་མར་མར་བབས་བྱུང་།

བསྭོ་ལགས་ཞུས་པའི་སྐལ་བཟང་ལགས།

ཁ་བ་བབས་པས་ཡག་སོང་།

སྐལ་བཟང་ལགས།

ཁ་ཤུལ་ཉི་མ་དྲོ་བྱུང་།

མེ་ཏོག་ལགས།

ཁ་ཤུལ་ཉི་མ་དྲོ་བྱུང་།

བསྭོ་ལགས་ཞུས་པའི་སྐལ་བཟང་ལགས།

ལྕང་གླིང་གྲུ་བཞིའི་ནང་ལ།

སྐལ་བཟང་ལགས།

དགའ་ཉེ་སྤུན་མཆེད་འཛོམས་བྱུང་།

མེ་ཏོག་ལགས།

དགའ་ཉེ་སྤུན་མཆེད་འཛོམས་བྱུང་།

བསྭོ་ལགས་ཞུས་པའི་སྐལ་བཟང་ལགས།

ང་ཚོ་འཛོམས་པས་ཡག་བྱུང་།

སྐལ་བཟང་ལགས།

དགའ་བདེའི་དཔལ་ལ་རོལ་བྱུང་།

མེ་ཏོག་ལགས།

དགའ་བདེའི་དཔལ་ལ་རོལ་བྱུང་།

ལེགས་སེ་མ་ལ་གཅིག་བྱས།

ལེགས་སེ་མ་ལ་གཉིས་བྱས།

ལེགས་སེ་མ་ལ་གསུམ་གསུམ།

ལེགས་སེ་མ་ལ་གཅིག་བྱས།

ལེགས་སེ་མ་ལ་གཉིས་བྱས།

ལེགས་སེ་མ་ལ་གསུམ་གསུམ།

下载地址:

此为隐藏内容,需人机验证后查看下载!