གནམ་སྔོན་པོ་ཁ་ཏོག་དྭངས་ཤིང་།།
མཐའ་གངས་རི་ཤེར་གྱི་མཆོད་རྟེན།།
བྱ་ཐང་དཀར་ཕྱོགས་རྩལ་མངོན་ས།།
ང་གངས་ཕྲུག་སྐྱེས་སས་ཕ་ཡུལ།།
མཚོ་སྔོན་པོ་གཡུ་ཡི་སྦེ་འདྲེལ།།
སྤང་སྔོ་ལྗིང་མེ་ཏོག་མཛེས་བརྒྱན།།
རྟ་ནོར་ལུག་བངས་རྩལ་འགྲན་ས།།
ང་འབྲོག་ཕྲུག་བསྡད་སས་ཕ་ཡུལ།།
སོ་་་་་་་་་་
ཐང་དཀར་རྒོད་པོ་བྱ་ཏེ་གནམ་འཕངས་སྐྱོད་དུས་ནམ་རེད།།
བློ་སེམས་ཉི་མ་གཏད་ནམ་མཁའི་གཡངས་ལ་འཕུར་འགྲོ།།
བློ་སེམས་ཉི་མ་གཏད་ནམ་མཁའི་གཡངས་ལ་འཕུར་འགྲོ།།
དྲི་ཞིམ་པོ་རྩི་ཤིང་གདུག་སྤོས།།
མདོག་སྣ་ཚོགས་མེ་ཏོག་མཛེས་བརྒྱན།།
ཕྱོགས་ཡོངས་ཀྱི་རྐང་དྲུག་འཁོར་ས།།
ས་དེ་ཚོ་ང་ཡི་ཕ་ཡུལ།།
ཞིང་ཆུ་མ་གསེར་མདོག་རླུབ་པའི།།ལོ་ཡག་གི་རྙེ་མ་ལྡེམ་ལྡེམ།།
རྨན་བུ་མོའི་གླུ་དབྱངས་ལེན་ས།།
ས་དེ་ཚོ་ང་ཡི་ཕ་ཡུལ།།
སོ་་་་་་་་་་
ཞིང་ཆུ་མ་གསེར་མདོག་རླུབ་པའི་ལོ་ཡག་གི་རྙེ་མ་ལྡེམ་ལྡེམ།།
རྨན་བུ་མོའི་གླུ་དབྱངས་ལེན་ས་ས་དེ་ཚོ་ང་ཡི་ཕ་ཡུལ།།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |