作曲 : 旦正昂加
编曲 : 旦正昂加
དྲན་གླུ
ཁྲུང་ཁྲུང་ལྷོ་ལ་འཕུར་སོང་།
མཚོ་མོ་དར་གྱིས་བཟུང་སོང་།
དགུན་འཁྱག་ཁ་བའི་གཞུང་ལ།
ཁྱོད་ཀྱི་ཞལ་རས་བབས་སོང་།
ཁྱོད་རང་བདུད་རྩི་འདྲ་བ།
མ་འཐུང་སྐོམ་པ་ལང་ཡོང་།
ཁྱོད་རང་ཉི་འོད་འདྲ་བ།
མ་མཐོང་སེམས་པ་འཁྱག་འགྲོ།
ཁུ་བྱུག་མོན་ལ་འཕུར་སོང་།
སྡོང་ལོ་རླུང་གིས་ཁུར་སོང་།
དགུན་གྱི་རྨི་ལམ་ནང་ལ།
ཁྱེད་ཀྱི་གླུ་སྒྲ་འཁོར་སོང་།
ཁྱེད་རང་འཇའ་ཚོན་འདྲ་བ།
མ་མཐོང་མཐོང་འདོད་ཆེ་སོང་།
ཁྱེད་རང་དབྱར་གཞུང་འདྲ་བ།
མ་བསླེབས་བསླེབ་འདོད་ཆེ་བ།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |