作曲 : 旦正昂加
编曲 : 旦正昂加
ཞེ་འཁྱག་པའི་གླུ
ང་རང་རི་གྲོང་ཞིག་ཏུ་སྐྱེས་པ་ཡིན།
ནམ་ཞིག་རི་གྲོང་མེད་པར་གྱུར་བའི་ཚེ།
ཁང་པ་རྡོ་ཁང་ཕྲ་མོ་གང་དུ་འཚོལ།
རྣང་ཞིང་སྙེ་མའི་མགོ་ལྕོག་སུ་ལ་ལྡེམ།
ང་རང་འབྲོག་སྡེ་ཞིག་ཏུ་སྐྱེས་པ་ཡིན།
ནམ་ཞིག་འབྲོག་སྡེ་མེད་པར་གྱུར་བའི་ཚེ།
སྦྲ་ནག་ཁ་འཚུབ་ཅན་པོ་གང་དུ་འཚོལ།
འབྲོག་རིའི་གཏམ་རྒྱུད་སྨུག་པོ་སུ་ལ་བཤད།
ང་རང་གྲོང་ཁྱེར་ཞིག་ཏུ་སྐྱེས་པ་ཡིན།
ནམ་ཞིག་གྲོང་ཁྱེར་རྡུལ་གྱིས་བཏུམ་པའི་ཚེ།
སྲང་ལམ་ནག་པོ་འགྲོ་རོགས་སུ་ཡིས་བྱེད།
རྒུན་ཆང་བཙན་པོ་འཐུང་རོགས་སུ་ཞིག་འབོད།
ང་ནི་སྐྱེས་ནས་སྐད་ཅིག་རྒས་ཀྱང་ཆོག
ང་ཡི་སང་ཉིན་རྒྱང་ཐག་རིང་ཡང་ཆོག
ང་ཡི་ལུས་དང་ང་ཡི་རྣམ་ཤེས་འཁྱམ་པོ་འདི།
གང་དུ་འགྲོ་འམ་གནས་ཚང་སུ་ལ་གཡོར།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |