༢༠༢༣ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་མཚན་ཚོགས། །
གཟིམ་ཆུང་ཀ་བཞི་གདུང་བརྒྱད། །
འཇའ་ཡི་གྲོ་ལོ་ཤིག་ཤིག །
གདན་ས་བདེ་ཆེན་ཕོ་བྲང་། །
གཟིམ་ཆུང་ཡར་ལ་འདྲ་བྱུང་། །
གདན་ས་བདེ་ཆེན་ཕོ་བྲང་། །
གཟིམ་ཆུང་ཡར་ལ་འདྲ་བྱུང་།།
གཟིམ་ཆུང་ཡར་ལ་འདྲ་བྱུང་། །
གཙང་ཡུལ་སྐྱིད་པོ་རང་གི་ལུང་པ་ནས། །
ཕ་མ་བཟང་པོས་གཞས་ལ་གཞས་འགོ་ཕྱེ་མྱོང་། །
ཡབ་ཡུམ་གླུ་ལ་མཉེས་པའི། །
བུ་ངའི་སྙན་དབྱངས་གསན་རོགས། །
གླུ་དང་གར་གྱི་སྙན་དབྱངས་དེ་ཚོ། །
བུ་ངས་ཡིད་ནས་ཕུལ་ཆོག །
གླུ་དང་གར་གྱི་སྙན་དབྱངས་དེ་ཚོ།།
བུ་ངས་ཡིད་ནས་ཕུལ་ཆོག །
བུ་མོ་སྐྱེས་ས་གཙང་གི་གཞུང་ལ་ཡིན་པས། །
བུ་མོ་སྐྱེས་སའི་ཡུལ་ལ་གཏོང་རོགས་གནང་དང་། །
ཚུར་ལ་གསན་དང་། །
བུ་མོ་སྐྱེས་སའི་ཡུལ་ལ་གཏོང་རོགས་གནང་དང་། །
ཏ་རྭ་ཟམ་པའི་ནང་གི་ཆིབ་དཔོན་ཆོག་ལ། །
ཟ་བྲོ་ཟིགས་པ་བུ་མོ་ལ་གཡར་རོགས་གནང་དང་། །
ཚུར་ལ་གསན་དང་། །
ཟ་བྲོ་ཟིགས་པ་བུ་མོ་ལ་གཡར་རོགས་གནང་དང་། །
ཚུར་ལ་གསན་དང་། །
ཟ་བྲོ་ཟིགས་པ་བུ་མོ་ལ་གཡར་རོགས་གནང་དང་། །
མཇེས་སྡུག་ལྡན་པའི་ཕ་ཡུལ་གཞི་ཀ་རྩེ། །
དངས་གཙང་དལ་འགྲོའི་མྱང་ཆུ་ལགས། །
ཁྱོད་ཀྱི་ཟོལ་མེད་གཤིས་ཀར་ང་རང་དགའ། །
ཁྱོད་ཀྱི་ལྷག་བསམ་བདག་གི་སེམས་སུ་བཅངས། །
ཁྱོད་ཀྱི་པང་དུ། །
བུ་ཕྲུག་དཔའ་བོ་ཕོ་རྒོད་གྲངས་མེད་འཚར་ལོངས་བྱུང་། །
ཁྱོད་ཀྱི་པང་དུ། །
བུ་ཕྲུག་དཔའ་བོ་ཕོ་རྒོད་གྲངས་མེད་འཚར་ལོངས་བྱུང་། །
ཁྱོད་ཀྱི་པང་དུ། །
བུ་ཕྲུག་དཔའ་བོ་ཕོ་རྒོད་གྲངས་མེད་འཚར་ལོངས་བྱུང་། །

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |