作词 : 藏巴罗布
作曲 : 藏巴罗布
༼བརྩེ་སེམས་མཉམ་དུ་འབྲེལ་ཡོད་༽
ཚིག་གདངས་གླུ་པ་ གཙང་པ་ནོར་བུ།
ཡིག་བསྒྱུར། བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མ་བསྟན་འཛིན་རིན་ཆེན།
གླུ་གཞས་དང་པར་ལེན། བོད་ལྗོངས་རྒོད་གླིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི།
དང་པོའི་བདུན་གྱི་ཞོགས་པ།
གློ་བུར་འབྱུང་བ་འཁྲུག་ཏེ།
ས་ཡོམ་འཇིགས་པའི་ཁྲོད་ལས།
སྤུན་ཟླའི་ཚེ་སྲོག་འཕྲོག་སོང་།
དཔོན་འབངས་བློ་སེམས་མ་བདེ།
གེགས་སེལ་ལས་ལ་བྲེལ་སོང་།
ཕྱོགས་བཞིའི་སྤུན་ཟླའི་སྨོན་ལམ།
ཁྱེད་ཚོའི་ཕྱོགས་ལ་བཏབ་ཡོད།
སོའོ་ཡ་ལ་ནི་སོའོ་་་་
ལུས་པོ་ས་ཐག་རྒྱང་ཡང་།
སོའོ་ཡ་ལ་ནི་ཡ་ལ་ནི་སོའོ་་་་་
བརྩེ་སེམས་མཉམ་དུ་འབྲེལ་ཡོད།
ཁྱེད་རྣམས་ཐུགས་སེམས་མ་སྐྱོ།
རྒྱལ་ཡོངས་བརྩེ་བས་ཁེངས་ཡོད།
ཕྱོགས་བཞིའི་སྤུན་ཟླའི་བརྩེ་སེམས།
ནམ་ཡང་མཉམ་དུ་འབྲེལ་ཡོད།
འབྱུང་གཞི་འཁྲུག་པའི་གོད་ཆགས།
སུས་ཀྱང་འགོག་ཐབས་མེད་ཀྱང་།
སྤུན་ཟླའི་བརྩེ་སེམས་ཟབ་མོས།
ཁྱེད་ལ་དྲོ་སྐྱིད་སྐྲུན་ཆོག
སོའོ་ཡ་ལ་ནི་སོའོ་་་་
ལུས་པོ་ས་ཐག་རྒྱང་ཡང་།
སོའོ་ཡ་ལ་ནི་ཡ་ལ་ནི་སོའོ་་་་་
བརྩེ་སེམས་མཉམ་དུ་འབྲེལ་ཡོད།
སོའོ་ཡ་ལ་ནི་སོའོ་་་་
ལུས་པོ་ས་ཐག་རྒྱང་ཡང་།
སོའོ་ཡ་ལ་ནི་ཡ་ལ་ནི་སོའོ་་་་་
བརྩེ་སེམས་མཉམ་དུ་འབྲེལ་ཡོད།
བརྩེ་སེམས་མཉམ་དུ་འབྲེལ་ཡོད།

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |