作词 : 藏巴罗布
作曲 : 藏巴罗布
ཁྱེད་དང་ང་།
ཚིག གཙང་པ་ནོར་བུ།
གདངས། གཙང་པ་ནོར་བུ།
ལེན་མཁན། གཞས་མ་ཟླ་སྒྲོན།
ཡིག་སྒྱུར། གངས་ཕྲུག་རྒྱལ་མཚན།
རོལ་དབྱངས། བོད་ལྗོངས་རྒོད་གླིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི།
སྒྲ་འཇུག བོད་ལྗོངས་རྒོད་གླིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི།
གླུ་གཞས་མཐའ་མའི་བསྒྲིགས་བཟོ། བོད་ལྗོངས་རྒོད་གླིང་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི།
དྲན་དང་ཁྱེད་རང་དྲན་བྱུང་།
ཕྱག་གི་གཡུག་ཕྱོགས་དྲན་བྱུང་།
སྤྱན་མིག་འཛུམས་གྱི་བཞིན་རས།
ཡང་ཡང་ཡིད་ལ་དྲན་བྱུང་།
ཆུང་ཆུང་བྱིས་པའི་སྐབས་ཀྱི།
ང་གཉིས་བརྩེ་བ་དྲོན་མོ།
ལས་དབང་རླུང་བུས་དེད་དེ།
རང་རང་སོ་སོར་ཆགས་སོང་།
དད་པ་དམ་ཚིག་མ་འགྱུར།
ཁྱེད་ལ་རེ་སྒུག་ཞུས་ཡོད།
མི་ཚེ་མ་ཟད་བར་དུ།
རེ་བ་ཁྱེད་ལ་བཅངས་ཡོད།
བྱམས་པ་ཐུགས་སེམས་མ་འགྱུར།
ཕྱི་བལྟས་ལན་གཅིག་གཟིགས་རོགས།
ཆུང་ནས་འདྲིས་པའི་བརྩེ་གྲོགས།
ཕུགས་རེ་ཁྱེད་ལ་བཅངས་ཡོད།
ང་གཉིས་ལས་དབང་མཐུན་པ།
ནམ་མཁའི་ལྷ་མོས་མཁྱེན་ཡོད།
དམ་ཚིག་འགྱུར་བ་མེད་ན།
སྤྱན་གྱི་གཟིགས་ཕྱོགས་གནང་དང་།
ཁྱེད་སེམས་ང་ལ་ཕྱོགས་ཏེ།
མ་འགྲུར་བརྩེ་བ་བཅངས་ན།
མགོ་སྐྲ་དཀར་པོ་ཆགས་ཆགས།
རེ་སྒུག་བྱས་པས་ཆོག་ག
ཁྱེད་སེམས་ང་ལ་ཕྱོགས་ཏེ།
མ་འགྲུར་བརྩེ་བ་བཅངས་ན།
མགོ་སྐྲ་དཀར་པོ་ཆགས་ཆགས།
རེ་སྒུག་བྱས་པས་ཆོག་ག
རེ་སྒུག་བྱས་པས་ཆོག་ག

热门推荐| 1 | |
|---|---|
| 2 | |
| 3 | |
| 4 | |
| 5 | |
| 6 | |
| 7 | |
| 8 | |
| 9 | |
| 10 |